[160B] ཨཱརྱ་བཛྲ་ཤྲིཾ་ཁ་ལཱ་སྱ་ཏནྟྲ་ཀལྤ་བོད་སྐད་དུ། འཕགས་མ་རྡོ་རྗེ་ལུ་གུ་རྒྱུད་མའི་རྒྱུད་ཀྱི་རྟོག་པ། དཔལ་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །དེ་ནས་ ཡང་དག་བཤད་བྱ་བ། །དཔལ་སྐྱེད་སྡུག་བསྔལ་སེལ་བྱེད་ཅིང་།སྡང་བ་འཆིང་ཚོགས་ལས་གྲོལ་བའི། །ཆོ་ག་མཛེས་མས་ལེགས་པར་ཉོན། །ཁྲུས་དང་གཙང་སྦྲ་དང་བྲལ་ [161A]༄༅། །ཞིང། །དཀའ་ཐུབ་སྤྱོད་པ་རྣམས་སྤངས་ནས། །དྲག་ཤུལ་སེམས་ཀྱིས་གསང་སྔགས་ནི། །བརྗོད་པ་ཙམ་གྱིས་མྱུར་དུ་འགྲུབ་།དད་པ་བརྩོན་འགྲུས་ ཀྱིས་བརྒྱན་ཅིང། །བག་ཡོད་སྙིང་རྗེ་ཆེར་ལྡན་པ། །དེས་ནི་བླ་མ་མི་སྤོང་ལ། །དཔའ་རྟུལ་ཤེས་རབ་དེས་པ་ཆེ། །འགྲོ་ལ་བྱམས་སེམས་ཆེ་བ་དེས། །སྔགས་དང་ཏིང་འཛིན་ ཕྱག་རྒྱའི་ཚོགས། །བརྩམས་པ་ཙམ་ལ་དངོས་གྲུབ་འབྱུང། །དད་མེད་ལེ་ལོ་རྣམ་འཚེ་ཅན། །བླ་མ་ལ་ནི་མི་གུས་ཤིང། །ཤེས་རབ་ཞན་ཅིང་སྟོབས་ཆུང་ལ། །བག་མེད་ གཞན་ལ་གནོད་སེམས་བཅས། །དབང་བསྐུར་གནང་བ་མ་ཐོབ་ན། །དེས་ནི་བསྐལ་པ་སྟོང་ཕྲག་ནི། །བྱེ་བ་དུ་མར་བསྒྲུབས་བྱས་ཀྱང་།འབྲས་བུ་ཡོད་པར་མི་འགྱུར་ཏེ། ། དཔེར་ན་བྱིས་པ་བླུན་པོ་འགས། །འབྲས་འདོད་ཕུབ་མ་བརྡུངས་པ་ལ་།ཤ་ཐང་ཆད་པ་ཉིས་ལས་ནི། །ནམ་ཡང་འབྲས་ཡོད་མི་འགྱུར་རོ་།གསང་སྔགས་རྒྱལ་པོ་རྒྱལ་ཆེན་ འདི༑ ༑བྱིན་རླབས་རྣམ་མང་འབྱུང་བའོ། །དེ་ནས་བཅོམ་ལྡན་བདེ་ཆེན་པོ། །ངེས་པར་འགྲུབ་པ་ཞེས་བྱ་བ། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །ཉིད་ཀྱི་སྐུ་དང་གསུང་ དང་ཐུགས། །རྡོ་རྗེ་བླ་ན་མེད་པ་ལས། །གསང་སྔགས་རྒྱལ་པོ་འདི་ཕྱུང་ངོ། །ན་མོ་བྷ་ག་ཝ་ཏྱཻ། བཛྲ་ཤྲིཾ་ཁ་ལེ། ཧ་ན་ཧ་ན། ད་ར་ད་ར། ཙྪིནྡ་ཙྪིནྡ། བྷཉྫ་བྷཉྫ། མཱ་ར་ཡ་མཱ་ར་ [161B] ཁཱ་ས་ཡ་ཧི་ཏོ། །རཀྟ་ཨཀྵཱི་བཛྲ་གྷོ་ཎེ། ན་མོ་བྷ་ག་ཝ་ཏྱཻ། བཛྲ་ཤྲིཾ་ཁ་ལེ། པུ་རྦྡ་དི་ཤཾ། བཛྲ་པྲཱ་ཀཱ་རེ་ཎ་བནྡྷ། དཀྵ་ཎི་དི་ཤནྡཎྜ། པྲཱ་ཀཱ་རེ་ཎ་བནྡྷ་པ་ཤྩི་མ་དི་ཤཉྫ་ལ་པྲཱ་ཀ་ར་ཎ་ བནྡྷ༑ ཨུཏྟ་ར་དི་ཤཾ་ས་ར་པྲཱ་ཀཱ་ར་ཎ་བནྡྷ། ཨ་གནི་དི་ཤཾ་ཨགྣི་པྲཱ་ཀཱ་རེ་ཎ་བནྡྷ། ནཻ་རི་ཏྱ་དི་ཤཾ་ཁཌྒཱ་པྲཱ་ཀཱ་རེ་ཎ་བནྡྷ། བཱ་ཡ་བྱ་དི་ཤ་བཱ་ཏ་པྲཱ་ཀཱ་རེ་ཎ་བནྡྷ་ཨཱི་ཤཱ་ན་དི་ཤཾ་ཏྲི་ཤུ་ལ་པྲཱ་ཀཱ་རེ་ ཎ་བནྡྷ༑ པཱ་ཏཱ་ལ་དི་ཤཾ་ནཱ་ག་བཱ་ཤེ་ན་བནྡྷ། ཨུ་ར་དཧྭ་དི་ཤཾ་བཛྲ་ཤྲཱིཾ་ཁ་ལ་པྲཱ་ཀཱ་རེ་ཎ་བནྡྷ། ཨུ་ར་དྷཱ་བནྡྷཧཱུཾ་ཧཱུཾ་ཕཊ་སཱཧཱ། ཨི་དཾ་བཛྲ་ཤྲིཾ་ཁ་ལཱ་མནྟྲེ་ཎ་ད་ཤ་དི་ཤཾ་བནྡྷ། ཡཀྵ་རཱཀྵ་སཾ་བནྡྷ་ བྲཧྨ་རཱཀྵ་སཱ་དའི་ནཱཾ་བནྡྷ། བཧུ་ཏ་པྲེ་ཏ་པི་ཤ་ཙི་བནྡྷ། གནྡྷ་རྦ་བནྡྷ། གནྡྷ་རྦ་ཀུ་ལཾ་བནྡྷ། ས་ན་ཏ་ཀུ་མཱ་ར་བནྡྷ། ས་ན་ཏ་ཀུ་མཱ་ར་བཧུ་བ་ནཾ་བནྡྷ། བིདྱཱ་དྷ་རཾ་བནྡྷ། ན་གུ་ཤྲ་མ་ཎཾ་བནྡྷ། ན་གུ་ཤ་མ་ ཎ་དརཤ་ན་བནྡྷ། མནྡྷ། སརྦྦ་ཏཱིརྠི་ཀཾ་བནྡྷ། སརྦྦ་ཏིརྠི་ཀ་ད་རཤ་ནཾ་བནྡྷ། སིཾ་ཧ་བྱཱ་གྷྲཾ་བནྡྷ། ཡཀྵི་ཎཾ་བནྡྷ། རཱཀྵ་སཱིཾ་བནྡྷ། བྷཱུ་ཏི་ནཱཾ་བིནྡྷ། པི་ཤཱ་ཙི་ནཱི་མྦ་ནྡྷ། གནྡྷ་རྦ་མྦནྡྷ། ཀ་མུ་རཱ་ཡ་ནཱིམྦནྡྷ་ ཀ་ཊ་ཌཱ་ཀི་ནིམྦནྡྷ། ཀཱིནྣ་རཱིཾ་བནྡྷ། ཁི་ཙ་རཱིམྦནྡྷ། ཤ་ཀུ་ནཱིཾ་བནྡྷ། དེ་བཾ་བནྡྷ། དེ་བ་ཀུ་ལཾ་བནྡྷ། ནཱ་གཾ་བནྡྷ། ནཱ་གཾ་ཀུ་ལཾ་བནྡྷ། ཨ་སུ་རཾ་བནྡྷ་ཨ་སུ་ར་ཀུ་ལཾ་བནྡྷ། ག་རུ་ཌམྦནྡྷ། ག་རུ་ ཌ་ཀུ་ལཾ་བནྡྷ། བཀྵཾ་བནྡྷ། བཀྵི་ཀི་ཎཾ་བནྡྷ། ཀིནྣ་རཾ་བནྡྷ། ཀིནྣ་ར་བཧུ་བ་ནཾ་བནྡྷ། མཱ་ནུ་ཥཾ་བནྡྷ། མཱ་ནུ་ཥ་བཧུ་བ་ནཾ་བནྡྷ། ཨ་མཱ་ནུ་ཥཾ་བནྡྷ། ཨ་མཱ་ནུ་ཥཾ་བནྡྷ། ཨ་མཱ་ནུ་ཥ་བཧུ་བ་ནཾ་བནྡྷ། ཙནྡྲཱ་དི་ཏྱཾ་བནྡྷ་ [162A]༄༅། །ཙནྡྲ་དི་དྱ་བཧུ་བ་ནཾ་བནྡྷ། སརྦྦ་ཏཾ་བནྡྷ་སརྦྦ་ཏ་ཏ་ལཾ་བནྡྷ། པྲྀཀྵ་མ་བནྡྷ། པྲྀཀྵ་ཏ་ལཾ་བནྡྷ། སྭ་ཀུ་ལཾ་བནྡྷ། པ་ར་ཀུ་ལཾ་བནྡྷ། མནྶ་ཀཚ་པཾ་བནྡྷ། ས་མ་པཱ་དམྦནྡྷ་ ཨཱ་ནི་མིཏྟཾ་བནྡྷ། ནི་མིཏྟཾ་བནྡྷ། སརྦ་དུཥྚ་སཏཱཾ་བནྡྷ། བཛྲ་ཤྲིཾ་ཁ་ལཱ། མནྟྲེ་ཎ་བནྡྷ། ཀུམྦྷི་རཾ་བནྡྷ། མ་ཀ་ར་སུ་སུ་མཱ་རཾ་བནྡྷ། ཛ་ལཾ་བནྡྷ། སྠ་ལཾ་བནྡྷ། ཨོཾ་ན་མོ་བྷ་ག་བ་ཏི་བཛྲ་ཤྲཱི་ ཁ་ལེ༑ ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། སརྦ་དུཥྚཱ་ནཾ་སརྦྦཾ་ག་པྲ་ཏྱཾ་གཾ་བནྡྷ། དའྭ་ད་ཤ་བཧུ་ཛ་ཡཻ། དའྭ་ད་ཤ་ནེ་ཏྲ་ཡཻ། བི་ཀཱརྞི་ཀེ་ཤ་ཡཻ། ཙཎྜཱ་ཡཻ། ཨ་ནེ་ཀ་རསྨི་ཤ་ཏ། ས་ཧ་སྲ་པྲ་ཛྭ་ལི་ཏ་དཱིཔྟ་ཧེ་ཛྭ་ ཡཻ༑ ཨུ་གྲ་བི་བི་དྷ་བེ་ཥ་དྷཱ་རི་ཎཱི། ཨུར་དྷ་ཀེ་ཤཱ་ཡཻ་ཙ་པ་ལ་ཡཻ། ཏ་ཐཱ་ག་ཏ་ཨ་པ་ཀཱ་རཱི་སཏཱ་ནཱཾ་བནྡྷ། ཨི་མཾ་བཛྲ་ཤྲཾ་ཁ་ལཱ། མནྟྲ་ཎ། པཉྩ་ཤ་ཏ། ཡོ་ཛ་ན་བ་རོ་པཥྚི་ཏཾ་ བཛྲ་ཤྲིཾ་ཁ་ལེ་ན་བནྡྷ། པ་ར་མུ་ཏྲཱ་ཙྪིནྡ་ཡེ་ན་བ་ལི་ག་ལེ་ན་བནྡྷ། ཨུ་གྲཱ་ཡ་ནཱིཾ་བནྡྷ། ཙ་ཏུར་ཌཱ་ཀི་ནིམྦནྡྷ། ཏིཥྛ་ཏིཥྛ་ཧཱུཾ་ཧཱུཾ་ཕཊ་སཱཧཱ། ཧུ་ལུ་ཧུ་ལུ་ན་མ་ཤྩཎྜ་མ་ཧཱ་ཀྲོ་དྷ། ཧཱུཾ་ ཧཱུཾ་ཨ་མྲྀ་ཏ་ཧཱུཾ་ཧཱུཾ་བནྡྷ། ཨཥྚ་ཤི་ཏི་དེ་བ་ཀོ་ཊཱི་ནི་ཡུ་ཏ་ཤ་ཏ་ས་ཧ་སྲཱ་ཎི་བཛྲ་ཤྲིཾ་ཁ་ལེ་ན་བནྡྷ། ཏྲི་ཀོ་ཎ་པྲྀ་ཐི་བའི་མཱུརྟྟེ་བཛྲེ་ཎ་སྥོ་ཊ་ཡ་ཏི། སརྒ་མ་ཧཱ་པཱ་ཏཱ་ལ་བཱ་སུ་ཀི་ཏཱ་ཌ་ཡ་ཏི་ བཱ་ཏཾ་བནྡྷ། མེ་གྷཾ་བནྡྷ། སརྦྦ་ཏྲཾ་བནྡྷ། ཨིཾ་དྲཾ་བནྡྷ། ཨིཾ་དྲ་བྷཱུ་བ་ནཾ་བནྡྷ། བ་ན་སྤ་ཏི་བནྡྷ། བ་ན་སྤ་ཏི་དེ་བཾ་བནྡྷ། ཨེ་ཀ་པཱ་དཾ་བནྡྷ། དྭི་པཱ་དཾ་བནྡྷ་ཏྲི་པཱ་ད་བནྡྷ། ཙ་ཏུཔཱ་དཾ་ [162B] པཉྩ་པཱ་དཾ་བནྡྷ། ཥཊྤཱ་དཾ་བནྡྷ། ཤཔྟ་པཱ་དཾ་བནྡྷ། ས་ཧ་སྲ་པཱ་དཾ་བནྡྷ། ལཀྵ་པཱ་དཾ་བནྡྷ་སརྦྦ་བི་གྷྣཾ་བནྡྷ། སརྦ་བིགྷ་ཀུ་ལཾ་བནྡྷ། པྲཧྨཾ་བནྡྷ། པྲཧྨ་ཕུ་བ་ནཾ་བནྡྷ། བིཥྞུ་བནྡྷ། བིཥྞུ་ བཧུ་བ་ནཾ་བནྡྷ། མ་ཧེ་ཤྭ་རཾ་བནྡྷ། མ་ཧེ་ཤྭ་ར་བཧུ་བ་ནཾ་བནྡྷ། མཧཱ་དེ་བཾ་བནྡྷ། མཧཱ་དེ་བ་ཛ་ཏ་བཱ་མ་པཱ་དེ་ནཱ་བི་ཀྲ་མའི་བནྡྷ། ཨོཾ་ན་མོ་བྷ་ག་བ་ཏྱེ་བཛྲ་ཤྲིཾ་ཁ་ལེ་ད་ཤ་ཏུ་དི་ཤཾ་བཛྲ་པྲཱ་ཀཱ་རེ་ཎ་ བནྡྷ༑ ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་སཱཧཱ། རིག་སྔགས་འདི་ཉིད་གསུངས་ཙམ་གྱིས། །རྒྱ་ཆེན་འཇིག་རྟེན་ཁམས་འདི་རྣམས། །རྣམ་པ་དྲུག་ཏུ་གཡོས་གྱུར་ ནས༑ ༑ལྷ་དང་ལྷ་མིན་སྲིན་བཅས་དང། །གནོད་སྦྱིན་དྲི་ཟ་གྲུལ་བུམ་དང། །མཁའ་ལྡིང་ལྟོ་འཕྱེ་ལུས་སྲུལ་པོ། །ཀླུ་དང་མིའམ་ཅི་ལ་སོགས། །ཚོགས་རྣམས་ཐམས་ཅད་མྱོས་ བརྒྱལ་ཏེ། །ས་སྟེང་ཁ་སྦུབ་ཏུ་འགྱེལ་ནས། །དབང་པོ་ཤིན་ཏུ་སྟོར་བ་ལ། །བདེ་བ་ཆེན་པོའི་འོད་ཟེར་གྱིས། །ཕོག་པའི་སྐད་ཅིག་དེ་མ་ཐག་དྲན་པ་སླར་རྙེད་གཟི་མདངས་སྐྱེས།། དེ་ནས་བསྟོད་པའི་རྒྱལ་པོས་བསྟོད། །ཨེ་མའི་བདེ་བ་ཆེ་མཆོག་དཔལ་ཉིད་ལས། །རྒྱས་པ་སྟོབས་སྐྱེས་བཀྲ་ཤིས་ཀྱིས། །ལྷ་མོས་ཧཱུཾ་བརྗོད་ཙམ་ཉིད་ལས། །ནམ་མཁའི་ཁམས་སུ་ གྲགས་པར་འགྱུར། །བདེ་ཆེན་ཡེ་ཤེས་མངའ་བདག་ཉིད། །རྡོ་རྗེ་ཞེས་པའི་མཚན་ལྡན་པའི། །ལྷ་མོ་ལུ་གུ་རྒྱུད་མ་ལ། །བདག་ཅག་རྣམས་ཀྱིས་གུས་པར་འདུད། །སྐུ་ཡི་འོད་ [163A]༄༅། །ཟེར་སྣ་ཚོགས་ཀྱིས། །འགྲོ་བའི་ཉོན་མོངས་སེལ་བྱེད་པའི། །འོད་ཀྱིས་བདག་ལ་བདེ་བ་སྐྱེས། །ལྷ་མོ་བདེ་བ་ཁྱོད་ཕྱག་འཚལ། །སྟོང་ཉིད་སྨོན་མེད་མཚན་མ་ བྲལ༑ ༑རྒྱལ་བ་ཀུན་གྱི་རིག་པ་ལས། །ཡ་མཚན་ལྷ་མོའི་རང་བཞིན་ཐུགས། །མི་རྟོག་རང་བཞིན་ཕྱག་འཚལ་ལོ། །དེ་རྗེས་རྒྱལ་བ་ཀུན་འདུས་པའི། །གཟུགས་སོགས་རིག་པའི་ ལྷ་མོ་ཡིས། །འཁོར་ལོ་འདི་ལ་ལེགས་མཆོད་ནས། །མགྲིན་གཅིག་ཏུ་ནི་འདུས་ནས་སུ། །སངས་རྒྱས་རྣམས་ཀྱིས་གསུངས་པ་ཡི། །རྡོ་རྗེ་ཚིག་གིས་བསྟོད་པར་བྱེད། །རྡོ་རྗེ་ནམ་ མཁའ་ལས་བྱུང་བའི། །སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ་།སྤྲོས་བྲལ་ནམ་མཁའི་རང་བཞིན་གསལ། །རྡོ་རྗེ་ཐུགས་ལ་ཕྱག་འཚལ་ལོ། །རྡོ་རྗེ་གཟུགས་ཀྱི་སྒྲ་ཡིས་ནི། ། ལྷ་ཚོགས་མ་ལུས་རྣམ་འཆིང་མཛད། །བདུད་རྣམས་ཚར་གཅོད་རྡོ་རྗེ་སྒྲ། །ནམ་མཁའི་གསུང་ལ་ཕྱག་འཚལ་བསྟོད། །འགྲོ་དྲུག་བདུད་འཇོམས་ཞལ་དྲུག་མ། །ཕྱི་ནང་རྟེན་ འབྲེལ་དག་ཕྱིར་ཕྱག་སྒེག་ཅིང་ཅུང་ཟད་འཇིགས་པར་བྱེད། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །དེ་སྐད་རྡོ་རྗེ་ལྷ་མོ་ལ། །ལྷ་ལ་སོགས་པ་ཐམས་ཅད་ཀྱིས། །རྨད་བྱུང་བསྟོད་པའི་ རྒྱལ་པོ་དེས། །བསྟོད་པའི་དེ་མ་ཐག་ཏུ་ནི། །ལྷ་མོ་གཟི་མདངས་ཆེར་སྐྱེས་ནས། །རང་གི་སྙིང་པོ་འདི་གསུངས་སོ། །ཨོཾ་བཛྲ་ཤྲིཾ་ཁཱ་ལེ་ཧཱུཾ་ཧཱུཾ་ཕཊ་སཱཧཱ། རིག་པ་གཟུངས་ཀྱི་ཕྲེང་ [163B] ༑གསང་སྔགས་འདི་ཉིད་བཤད་ཙམ་གྱིས། །རིམས་དང་ཤུ་བ་གཡན་པ་དང། །ལྷོག་པ་ཤ་བཀྲ་མཛེ་ནད་འབྲས། །ཀླད་ནད་མིག་ནད་རྣ་ནད་དང། །ལྐོག་ནད་གའོ་མཆིན་ནད་ རྣམས་དང། །རྒྱུ་གཟེར་སྙིང་ནད་མཁལ་ནད་དང། །རྐང་ལག་ནད་དང་ཁྱབ་པར་ན། །ཆུ་སེར་ནད་དང་ཁྲག་ནད་དང། །བད་ཀན་རླུང་དང་མཁྲིས་པ་དང། །ཤིན་ཏུ་འཁྲུགས་པའི་ནད་ལ་ སོགས༑ ༑ཡམས་ནད་ཐམས་ཅད་ཞི་བར་བྱེད། །གཞན་ཡང་འབྱུང་པོ་བརྗེད་བྱེད་དང། །ཤ་ཟ་མཁའ་འགྲོ་མ་མོ་དང། །གཟའ་དང་རྒྱུ་སྐར་ལོག་འདྲེན་དང། །བྱད་སྟེམས་དྲག་པོ་ཕྱི་ རོལ་གྱི༑ ༑རིག་སྔགས་གཏུམ་པོ་ལ་སོགས་པ། །འཇིགས་པའི་གནོད་པ་ཐམས་ཅད་ཀུན། །རླུང་གིས་སྤྲིན་བཞིན་གཏོར་བར་བྱེད། །གཞན་ཡང་སྟག་གཟིག་དོམ་དྲེད་དང། །འཕར་ བ་སྤྱང་ཀི་གུང་པོ་ཆེ། །སྲེ་མོང་བྱི་བ་སྦྲུལ་བྱི་ལ། །སྦྲང་བུ་མཆུ་རིང་པ་ཏྲེ་ཀ་ཁྭ་དང་སེའུ་བྱུའུ་རྟ་ལ་སོགས། །འཇིགས་པ་རྣམ་མང་ཇི་སྙེད་པ། །གསང་སྔགས་འདི་བརྗོད་ཐོས་ཙམ་ གྱིས༑ ༑ཐག་རིང་དུ་ནི་སྐྲོད་པར་བྱེད། །གནོད་པ་རྣམ་མང་ཐམས་ཅད་ཀྱང། །སྔགས་ཀྱི་སྦྱོར་བས་སེལ་བར་བྱེད། །གནོད་བྱས་རྣམས་ནི་གནོད་མེད་བྱེད། །གནོད་མེད་གནོད་དང་ ལྡན་བྱེད་ཅིང། །སྦྱོར་བ་ཡང་ནི་སྦྱོར་བ་འགས། །གཞན་གྱི་སྦྱོར་བ་འཆིང་བར་བྱེད། །རྡོ་རྗེ་ལུ་གུ་རྒྱུད་ཀྱི་རྟོག་པ་ལས། གསང་སྔགས་བསྟན་པའི་ལེའུ་སྟེ་དང་པོའོ།། །། [164A]༄༅། །དེ་ནས་འདིར་ནི་བཤད་བྱ་བ། །མཛེས་མ་རྡོ་རྗེ་ཁྲོ་མོ་ཡིས། །ལྷ་ཡི་ཏིང་འཛིན་སྦྱོར་བ་རྣམས། །ཐིག་ལེ་ཆེན་མོས་མཉན་པར་གྱིས། །ཨོཾ་བཛྲི་ཤྲིཾ་ཁ་ལེ། ཨཱཏྨ་ རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སཱཧཱ། གསང་སྔགས་འདི་ནི་སྲུང་བ་དང། །ཐ་མལ་རྟོག་པའི་ལུས་སྦྱོད་བྱེད། །སྙིང་གར་ཟླ་སྟེང་ཧཱུཾ་ཡིག་གིས། །འོད་ཀྱིས་རིགས་ཀྱི་གཙོ་མོ་དང། །བླ་མ་ སངས་རྒྱས་སྤྱན་དྲངས་ནས། །མདུན་དུ་ལེགས་པར་དམིགས་ནས་ནི་།སྙིང་ག་ས་བོན་འོད་རྩེ་ལས། །མེ་ཏོག་སོགས་འཛིན་ལྷ་མོས་མཆོད་།གཟུགས་སོགས་རྡོ་རྗེ་མ་རྣམས་ ཀྱིས༑ ༑འདུད་ཅིང་སོ་སོར་ལེགས་པར་མཆོད། །ཐོག་མ་མེད་པའི་སྲིད་རྒྱུད་ནས། །ལུས་ངག་ཡིད་ཀྱིས་སྦྱང་པ་ཡི། །སྡིག་པའི་ཚོགས་རྣམས་མ་ལུས་ཀུན། །བགྱིས་དང་བགྱིད་ དུ་སྩལ་པ་དང། །བགྱིད་ལ་རྗེས་སུ་ཡི་རང་བ། །སྡིག་པའི་ཚོགས་རྣམས་མ་ལུས་ཀུན། །ཐམས་ཅད་སོ་སོར་བཤགས་པར་བགྱི། །སླད་ཆད་མི་བགྱིད་སྡོམ་པ་ཡང། །རྒྱ་ཆེན་ བདག་གིས་གཟུང་བར་བྱ། །རྒྱལ་བ་སྲས་བཅས་མཛད་པ་དང། །འགྲོ་བའི་དགེ་ལ་རྗེས་ཡི་རང། །རྒྱལ་དང་བྱང་ཆུབ་སེམས་དཔའ་དང་།རིགས་ལྡན་རྡོ་རྗེ་ལྷ་མོ་དང། །སྔགས་ རྒྱུད་རྒྱ་ཆེན་འཁོར་ལོ་ལ། །ཀུན་ནས་དང་བས་སྐྱབས་སུ་མཆི་།མི་རྟོག་བློ་གྲོས་བསྐྱེད་པའི་ཕྱིར། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང། །གདུལ་བྱ་ཇི་སྲིད་ཚིམ་པ་རུ། །མྱ་ངན་ [164B] །རྣམ་པ་ཀུན་གྱི་མཆོག་ལྡན་པའི་།བྱང་ཆུབ་སེམས་ནི་བསྐྱེད་པར་བྱ། །གདོད་ནས་ཇི་སྲིད་ད་ལྟ་ཡི་།བར་དུ་ལུས་འདིས་ཅི་མ་བྱས། །ད་ནི་སྲིད་པའི་རླུང་ རྟོགས་ནས། །རང་གི་ལུས་འདི་དབུལ་བར་བགྱི། །ཐེག་ཆེན་བླ་ན་མེད་པ་ཡི། །ལམ་ཆེན་རྒྱ་མཚོ་གང་ཡིན་པ། །ཐེག་ཆེན་འབྲས་བུ་ཐོབ་བར་དུ། །རྒྱུན་མི་འཆད་པར་བསྟེན་པར་ བྱ༑ ༑དེ་ལྟར་དད་སེམས་འདུན་བྱས་ཏེ། །བསོད་ནམས་རྒྱ་ཆེན་རྣམ་བསགས་པའི། །དགེ་བ་བླ་ན་མེད་པ་དེ། །ཐམས་ཅད་བྱང་ཆུབ་ཕྱིར་བསྔོའོ། །དང་པོ་བྱམས་པའི་འོད་ཟེར་གྱིས།། འགྲོ་རྣམས་བདེ་ལ་དགོད་པར་བྱ། །གཉིས་པ་སྙིང་རྗེའི་འོད་ཟེར་གྱིས། །འགྲོ་བ་སྡུག་བསྔལ་འབྲལ་སེམས་བསྐྱེད། །གསུམ་པ་དགའ་བས་བདེ་བ་ཐོབ། །བཞི་པ་ཆགས་བྲལ་ བཏང་སྙོམས་སོ། །དེ་རྗེས་རགས་པའི་སྟོབས་སྤོང་ཞིང། །བག་ཆགས་དྲི་མ་བསལ་ནས་ཀྱང། །ནམ་མཁའ་ལྟ་བུར་སྒྲུབ་བྱེད་པའི། །དེ་ནས་དག་པ་རྗེས་དྲན་བྱ། །ཨོཾ་སྭ་བྷཱ་བ་ཤུདྡྷ་ སརྦ་དྷརྨྨས་བྷཱ་ཝ་ཤུདྡྷོཉཧཾ། དེ་ཡིས་དག་པར་བྱས་ནས་ནི། །སྟོང་ཉིད་རྗེས་སུ་བསྒོམ་པར་བྱ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉཧཾ། དངོས་པོ་ཐམས་ཅད་མ་ལུས་པར།། ནམ་མཁའ་ལྟ་བུར་བསྒོམ་པར་བྱ། །དེར་ནི་རཾ་སྐྱེས་ཉི་དཀྱིལ་འཁོར། །དམར་པོ་འོད་ཟེར་འཁྲིགས་པ་བསྒོམ། །དེ་དབུས་ཧཱུཾ་ཡིག་སྔོན་པོ་ཡི། །འོད་ཀྱིས་འགྲོ་བའི་བདུད་བསལ་ [165A]༄༅། །ཏེ༑ ༑སླར་ཡང་ཡི་གེ་ལ་གཞུག་པར། །རྡོ་རྗེ་ཁྲོ་མོ་ཡོངས་སུ་རྫོགས། །ཞལ་གསུམ་ཕྱག་དྲུག་མེ་དཔུང་བཞུགས། །ཐུགས་ཀར་ཉི་མར་ཧཱུཾ་སྔོན་བསམ། ། འོད་ཀྱིས་སྲུང་བའི་འཁོར་ལོ་བྱ། །ཤར་དུ་རྡོ་རྗེ་ལྷོར་དབྱུག་པ་།ནུབ་ཏུ་ཆུ་སྟེ་བྱང་དུ་མདའ། །བྱང་ཤར་རྩེ་གསུམ་ཤར་ལྷོར་མེ། །ལྷོ་ནུབ་རལ་གྲི་ནུབ་བྱང་རླུང། །འོག་ཏུ་སྣ་ཚོགས་ རྡོ་རྗེ་བྲག་སྟེང་ཕྱོགས་རྡོ་རྗེ་རྩེ་ལྔའི་གུར། །གསང་སྔགས་བརྗོད་པས་བསྒོམ་པར་བྱ། །ཧཱུཾ་ལས་འོད་ཟེར་རབ་སྤྲོས་པས། །འཁོར་ལོ་བཀོད་པའི་ཕྱི་རོལ་ཏུ། །རྡོ་རྗེ་རྩེ་གསུམ་ར་ བ་དང། །གུར་ནི་རབ་ཏུ་བསྒོམ་པར་བྱ། །དེ་རྗེས་རྡོ་རྗེ་ཁྲོ་མོ་ནི། །ཞུ་ནས་རང་བཞིན་མེད་པར་གྱུར། །དེ་ལས་ཉི་མའི་སྟེང་གནས་པའི། །བདུད་བཞི་མནན་ཅིང་ཉི་ཟླ་ནི། །ཨཱ་ལི་ཀཱ་ ལི་ལས་བྱུང་བའོ། །བར་དུ་ཧཱུཾ་ལས་རྡོ་རྗེ་ནི། །ཁྲོ་མོའི་རང་བཞིན་འོད་ཀྱིས་བསྐོར། །ཁྲོ་མོ་དང་བཅས་འོད་ཟེར་རྣམས། །རྡོ་རྗེ་ལ་བཞུགས་སྐུ་བཞེངས་ཏེ། །ཞལ་དྲུག་ཕྱག་ དྲུག་ཞབས་དྲུག་གམ། །ཡང་ན་ཞབས་བཞིས་བདུད་བཞི་མནན། །ཞལ་ཀུན་སྔོ་ཞིང་ཁྲོ་གཉེར་ཅན། །དམར་སེར་གྱེན་སྐྲ་ཐོང་ཕྲེང་ཅན། །རྡོ་རྗེས་ལུས་བརྒྱན་ནམ་མཁའི་ མདོག་བཅུ་གཉིས་ཕྱག་སྟེ་གཡས་པ་ན། །རྡོ་རྗེ་ཞགས་བ་མདའ་གསོར་ཞིང། །སྦྲུལ་དང་དགྲ་སྟ་གྲི་གུག་འཛིན། །གཡོན་པ་དྲིལ་བུ་སྡིགས་མཛུབ་གཞུ། །དབྱིག་པ་ [165B] །ཡང་ན་ཕྱག་དྲུག་གཡས་དང་པོས་།རྡོ་རྗེ་གཉིས་པས་ལྕགས་སྒྲོག་སྟེ། །གསུམ་པས་མདའ་ནི་གསོར་བར་བྱེད། །གཡོན་གྱི་དང་པོས་སྡིགས་མཛུབ་ སྟེ༑ ༑གཉིས་པ་སྦྲུལ་ཞགས་འཛིན་པའོ། །གསུམ་པས་གཞུ་སྟེ་འགེངས་བའི་ཚུལ། །རྡོ་རྗེ་ལུ་གུ་རྒྱུད་མ་ཡི། །བསམ་གཏན་ཏིང་འཛིན་ལ་གནས་ན། །ཡོན་ཏན་ཀུན་གྱི་བདག་ ཉིད་ཀྱི༑ ༑སྔགས་ཀྱི་རྩ་བར་འགྱུར་བའོ། །སྔགས་ཀྱི་བདག་ཉིད་ཡོངས་སུ་བསྐྱེད། །ལྷ་ཡི་རང་བཞིན་སྒྲུབ་པ་ཡི། །རིན་ཆེན་གཟུངས་ཀྱི་ཕྲེང་བས་ནི། །ཆོས་རྣམས་མཐའ་ དག་ཐོབ་འགྱུར་ཏེ། །རལ་གྲི་མིག་སྨན་རིལ་བུ་དང། །རྐང་པ་བྱུགས་དང་གཏེར་ཆེན་དང། །ས་འོག་འགྲོ་དང་བཅུད་ལེན་དང། །ནམ་མཁར་འགྲོ་དང་གསེར་འགྱུར་དང། །དེ་ བཞིན་ས་གཞན་འགྲོ་བ་དང། །ཞི་དང་རྒྱས་དང་དབང་མངོན་སྤྱོད། །རྨོངས་དང་རེངས་དང་བསྐྲད་པ་དང། །དབྱེ་དང་དགུག་དང་རིག་སྔགས་འཆིང། །སྲུང་དང་ཕྱིར་ཟློག་ཆེན་ པོ་དང། །ཞ་དང་ལྐུགས་དང་སེམས་བརྒྱལ་དང། །ལོང་དང་སྣ་ཚོགས་ནད་སྐྱེད་པའི། །སྦྱོར་བ་རྒྱ་ཆེན་འགྲུབ་པ་དང། །མངོན་ཤེས་དྲུག་པོ་ཡོངས་སྐྱེ་ཞིང། །སྐུ་གསུང་ ཐུགས་ཀྱི་རྡོ་རྗེ་ཡི། །ཕྱག་རྒྱ་ཆེན་པོ་ཐོབ་འགྱུར་ན། །ལྟས་མཐོང་ཙམ་ལ་སོགས་པ་ཡི། །དངོས་གྲུབ་ཕྲ་མོ་སྨོས་ཅི་དགོས་།སྔགས་ཀྱི་སྦྱོར་བ་སྐྱེད་པའི་ལྷ། །དམིགས་པའི་ [166A]༄༅། །རྩ་བར་གྱུར་བ་ཡི། །ཧཱུཾ་ལས་སྐྱེས་པའི་ལྷ་མོ་ནི་།སྔོན་མོ་ཞལ་གསུམ་ཕྱག་དྲུག་མ། །གཡས་པ་སེར་ཞིང་གཡོན་པ་དམར། །སྤྱན་གསུམ་སྡང་མིག་ ཁྲོ་གཉེར་ཅན། །དམར་སེར་གྱེན་སྐྲ་ཐོད་པས་བརྒྱན། །རུས་པའི་རྒྱན་གྱིས་སྤྲས་ཤིང་འགྱིང། །ཐོད་པའི་ཕྲེང་ཅན་ཀླུ་ཡིས་བརྒྱན། །ཞབས་གཉིས་བརྐྱང་བསྐུམ་རོ་ལ་བརྫིས།། ཕྱག་དྲུག་གཡས་ཀྱི་དང་པོ་ན། །རྡོ་རྗེ་གཉིས་པས་གྲི་གུག་སྟེ་།གསུམ་པས་སྤྲུལ་གྱི་ཞགས་པ་འཛིན། །གཡོན་གྱི་དང་པོ་སྡིགས་མཛུབ་སྟེ། །གཉིས་པས་ཐོད་པ་གསུམ་ ཕན༑ ༑སྦྲུལ་གྱི་ཞགས་པ་དཀར་པོའོ། །ཡང་ན་ཞལ་ཀུན་སྔོ་སངས་ཉིད། །འདིས་ནི་འཆིང་དང་དབང་གི་ལས། །མཐའ་དག་རྫོགས་པར་བྱེད་པ་འོ། །སྲིད་པར་བྲམ་ཟེ་ སྐྱེས་ལྷ་མོ། །སྔོན་མོ་ཞལ་གཅིག་ཕྱག་གཉིས་མ། །ཕྱག་གཡས་རྡོ་རྗེ་གཡོན་ལྕགས་སྒྲོག་གཅེར་བུ་རུས་པའི་རྒྱན་ལྡན་པ། །གསང་པའི་ལས་རྣམས་ཐམས་ཅད་ ནི༑ ༑རྡོ་རྗེ་རྣལ་འབྱོར་མ་འདིས་སྒྲུབ། །དེ་ནས་བཅོམ་ལྡན་རྡོ་རྗེ་ཅན། །ཆོས་རྣམས་ཐམས་ཅད་འབྱུང་བྱེད་ཅིང། །དངོས་གྲུབ་མྱུར་དུ་སྐྱེད་པ་ཡི། །ཕྱག་རྒྱ་འབྱུང་ཞེས་བྱ་བ་ ཡི༑ ༑ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །ཡན་ལག་ཕྱག་རྒྱ་བཀའ་སྩལ་པ། །ལག་གཉིས་ཐལ་མོ་སྦྱར་བྱས་ཤིང། །སླར་ཡང་ཁུ་ཚུར་བཅང་བྱས་ཏེ། །རྒྱབ་གཉིས་ [166B] །མཐེའུ་ཆུང་ལྕགས་སྒྲོག་བཅིངས་བྱས་ཏེ། །ཁ་ཡི་ཐད་ཀར་བཞག་ནས་ནི། །རིག་པའི་ཕྲེང་བ་བརྗོད་པ་ཡིས། །འདོད་པ་ཐམས་ཅད་འགྲུབ་པར་བྱེད།། ཕྱག་རྒྱ་བཅིངས་ནས་གསང་སྔགས་ནི། །རྗེས་སུ་དྲན་པར་བྱས་ཙམ་གྱིས། །ལམ་དུ་འགྲོ་ཡང་བདེ་བར་ཐར། །གཞན་གྱི་རིག་སྔགས་གཅོད་པར་བྱེད། །འཕགས་མ་རྡོ་རྗེ་ལུ་གུ་ རྒྱུད་མའི་རྒྱུད་ཀྱི་རིག་སྔགས་ལས། ལྷ་དང་ཕྱག་རྒྱ་གཏན་ལ་དབབ་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་དག་བཤད་བྱ་བ་།རྗེས་ཀྱི་སྦྱོར་བ་བླ་ན་མེད། །མཚུངས་ པའི་ཚོགས་ཀུན་འགྲུབ་བྱེད་པ། །རྡོ་རྗེ་མཁའ་འགྲོ་མ་ཡིས་ཉོན་།ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་བཧི་ཥཱིཉྩ་ཏུ་མཾ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་བཧི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། དབང་བསྐུར་བ་ནི་བླ་ ན་མེད༑ དྲི་མའི་ཚོགས་རྣམས་དག་བྱེད་ཅིང། །ཇི་སྲིད་ཡེ་ཤེས་ཚོགས་རྒྱས་ནས། །རིག་པའི་རྒྱལ་པོ་ཐོབ་པར་བྱེད། །ཛཧཱུཾ་བཾ་ཧོཿ། ཨོཾ་བཛྲ་པུཥྤེ་ཨཱཧཱུཾ་སཱཧཱ། དྷཱུ་པེ། དའི་པ། གནྡྷེ་ ནཻ་ཝིདྱཻ་ཨཱཧཱུཾ་སཱཧཱ། ཨོཾ་ཀྵཱི་ཧྲཱིས་ཀ་ལ། གྷ་ན་བི་ན་ཝ་རེ། ཤྱ་རྱ་ས་པ་རི་ཝ་ར། ཨ་ཨ་ཨ། ཨ་བཧི་ཏི་རནྟི། ཨ་བཧི་ཏི་རནྟུ། སརྦྦ་ད་ཤ་དིཀ་ལོ་ཀ་པཱ་ལ། ལོ་ཀ་པཱ་ལེཾ། ཨི་མཾ་བི་ལཾ་ གྲྀཾཧྞ་ཏུ། ཁ་དནྟུ་པི་བནྟུ་ཧཱུཾ་ཕཊ་ཁ་ཁ་ཁཱ་ཧི་ཁཱ་ཧི་ལླཻ་ལླཻ་བཛྲ་ཌཱ་ཀ་ཨཱཛྙཱ་པ་ཡ་ཏི་སཱཧཱ། ཡེ་ཤེས་སེམས་དཔའི་སྦྱོར་བ་ཡིས། །རྣམ་པར་རྟོག་པ་སྤོང་བར་བྱེད། །མཆོད་པ་ [167A]༄༅། །དང་ནི་གཏོར་མ་ཡིས། །བར་གཅོད་ཐམས་ཅད་སེལ་བར་བྱེད་།ཨོཾ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱ་ཏྨ་ཀོཉཧཾ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །རྣམ་པར་སྦྲས་ པའི་མཚན་མ་ལ། །མཚན་མ་མེད་པ་རྣམས་གནས་པ། །ཤེས་ནས་མཚན་ཉིད་རྣམ་པར་དག་ཨོཾ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ། གང་ཞིག་དབང་པོས་ ཡུལ་མཚོན་པའི། །མཚོན་བྱ་མཚོན་ཉིད་རྣམ་ཤེས་དང། །ཡེ་ཤེས་ཉིད་ནི་མངོན་སུམ་དུ། །སྐྱེ་བ་ཉིད་ལ་ཐེ་ཙོམ་མེད། །དེ་ནས་རྒྱ་ཆེན་སྦྱོར་བའི་གཙོ། །འཁོར་ལོའི་ཆོ་ག་ བཤད་པར་བྱ། །གྲོ་གའམ་རས་སམ་ཤིང་ཤུན་ལ། །གུར་གུམ་གྷི་ཝང་ཙནྡན་བཅས། །པུ་ཀ་སེར་པོས་འཁོར་ལོ་ནི། །རྩིབས་བཅུ་པདྨའི་སྟེང་དུ་བྲི། །མཐའ་ནས་མེ་ཡི་ཕྲེང་ བས་བསྐོར། །པདྨའི་འདབ་མ་བཅུ་ལ་ནི། །ཕྱོགས་བཅུ་ཀུན་ཏུ་བཅིང་བ་ཡི། །རྡོ་རྗེ་ལ་སོགས་བཅུ་པོ་བྲི། །དེ་ཡི་རྒྱབ་ཏུ་ཕྱོགས་བཅུ་རྣམས། །བཅིང་བའི་སྔགས་ནི་རིམ་ བཞིན་བྲི། །འཁོར་ལོའི་རྩིབས་རྣམས་བཅུ་པོ་ལ། །ཧཱུཾ་གཉིས་བར་དུ་བསྒྲུབ་བྱའི་མིང། །སྲུང་བ་བཅས་པ་བྲི་བར་བྱ། །ཕྱོགས་བཞིར་སྔགས་དང་ཕྱག་རྒྱ་དང། །འཁྲུལ་ འཁོར་གཅོད་དང་འཆིང་བ་དང། །འགུགས་པའི་སྔགས་སུ་བཅས་པ་བྲི། །གཞན་ཡང་མཚམས་རྣམས་དྲུག་པོར་ནི། །ལྷ་དང་ཀླུ་དང་ལྷ་མ་ཡིན། །གནོད་སྦྱིན་གྲུལ་བུམ་ [167B] །བཅིང་བ་དྲུག་པོ་བྲི་བར་བྱ། །ལྟེ་བར་བསྒྲུབ་བྱའི་གཟུགས་བརྙན་ནི། །སྐྱིལ་ཀྲུང་ཐུགས་ཀར་ཐལ་མོ་སྦྱར་།མཛེས་པའི་གོས་ལྡན་བྲི་བར་བྱ། །དེ་རྗེས་གསང་ སྔགས་ཕྲེང་བ་ཉིད། །སྟོང་ཕྲག་གཅིག་ཏུ་བརྗོད་བྱས་ནས། །དེ་རྗེས་བསྟོད་པས་བསྟོད་བྱས་ཏེ། །གསེར་སོགས་དྲིལ་ནས་ལུས་སམ་མགུལ་།གང་བདེའི་གནས་སུ་གདགས་ པར་བྱ༑ ༑དེས་ནི་རྣལ་འབྱོར་སྲུང་དོན་དུ། །ཇི་ལྟར་བསམ་པ་ཀུན་འགྲུབ་སྟེ། །འཇིགས་པ་བརྒྱད་པོ་མེད་པར་བྱེད། །དེ་ནས་གཞན་ཡང་རྒྱལ་པོའི་རས། །གསར་ལ་ཙནྡན་ག་ པུར་དང། །དྲི་ཞིམ་རྣམས་ཀྱིས་བྱས་ནས་ནི། །རྒྱུ་སྐར་རྒྱལ་གྱི་ཉི་མ་ལ། །གུར་གུམ་གྱིས་ནི་འཁོར་ལོ་བྲི། །དབུས་སུ་པདྨ་འདབ་བརྒྱད་པའི། །ཕྱི་རོལ་མུ་ཁྱུད་གསུམ་ལྡན་པའི།། པདྨའི་ལྟེ་བར་བསྒྲུབ་བྱའི་གཟུགས། །ཡན་ལག་རྡོ་རྗེས་མཚན་པ་བྲི། །དེ་ལ་སྙིང་པོའི་སྔགས་ཀྱིས་བསྐོར། །དེ་རྗེས་ལྟེ་བའི་མུ་ཁྱུད་ལ། །སྟེང་འོག་བཅིང་བའི་སྔགས་ཀྱིས་བྲི།། ཕྱོགས་མཚམས་སྔགས་རྣམས་འདབ་མ་ལའོ། །ཕྱི་རོལ་མུ་ཁྱུད་དང་པོར་ནི། །རྩ་བའི་སྔགས་རིང་དགོད་པར་བྱ། །གཉིས་པར་འོད་ཀྱི་ར་བ་བྲི། །དྲི་ཞིམ་དཀྱིལ་འཁོར་སྟེང་ བཞག་སྟེ། །རང་ཉིད་ལྷ་ཡི་སྦྱོར་རྫོགས་བྱ། །ཐུགས་ཀའི་ས་བོན་འོད་ཀྱིས་ནི། །ནམ་མཁའ་འཁོར་ལོ་སྦྱངས་བྱས་ཏེ། །ཡི་གེ་ཧཱུཾ་གི་རྣམ་པར་བསམ། །དེ་ཡོངས་གྱུར་ལས་སྐུ་ [168A]༄༅། །ཚོགས་བསྒོམ། །དེ་དབུས་ཤེས་རབ་རྣམ་པར་བསམ། །ཟླ་དབུས་སྟེང་དུ་ཧཱུཾ་ལས་ནི། །འཁོར་ལོ་རྩིབས་ལྡན་བསྒོམ་པར་བྱ། །དེར་ནི་ཡི་གེའི་རྣམ་པ་ ནི༑ ༑མར་མེ་ལྟ་བུ་གསལ་དམིགས་ལ། །མཁའ་འགྲོ་མ་དང་དབྱེར་མེད་བྱ། །རང་སྙིང་ས་བོན་ལས་བྱུང་བའི། །གསང་སྔགས་སྟོང་ཕྲག་བཟླས་བྱས་ནས། །གསེར་ སོགས་དྲིལ་ནས་ལུས་སམ་མགུལ། །བཏགས་ན་འཇིགས་པ་བརྒྱད་ལས་སྐྱོབ་།ཐམས་ཅད་དུ་ནི་སྲུང་བར་ངེས། །ཡུངས་ཀར་བ་ཡི་རྣམ་ལྔ་དང་།དུར་བའི་སྙི་མར་ བཅས་པ་ལ། །གསང་སྔགས་སྟོང་ཕྲག་བཟླས་ནས་ནི། །རྒན་མོ་མིང་མེད་སྦྱོར་པ་ཡིས། །གནས་གསུམ་ཐིག་ལེ་བྱས་བསྲུངས་ན། །ཚེ་ནི་སྟོང་ཕྲག་དུ་མར་འཕེལ། །ཀུ་ ཤ་བ་མར་ཡུངས་ཀར་ཏིལ། །གསང་སྔགས་སྟོང་ཕྲག་བཟླས་བྱས་ཏེ། །ཤིས་པར་གྱུར་པའི་ཉི་མ་ལ། །མཆོད་རྟེན་སྤྱི་བོར་བཏགས་བྱས་ན། །འགོ་བའི་ནད་རྣམས་ འཆད་པར་འགྱུར། །ཁྲག་དང་ཁྲོ་ཆུར་བཅས་པ་ལ། །གསང་སྔགས་སྟོང་ཕྲག་གསུམ་བཟླས་ཏེ། །ཟླ་བ་གཟས་བཟུང་དུས་སུ་ནི། །ཉེ་བསྙེན་རྫོགས་པར་བྱས་ནས་ནི།། རྫས་ནི་ཤིན་ཏུ་སྦ་བྱས་ཏེ། །ལྷ་ཚོགས་གནོད་པ་གང་དམིགས་པའི་།སྙིང་གར་སྔགས་ནི་བསྣུན་བྱས་ན། །གང་དམིགས་བགེགས་ནི་རྣམ་པར་འཇིག་རས་བལ་གསལ་བར་ [168B] །ཤེས་རབ་མཚན་ལྡན་ཁྲུས་བྱས་ཏེ། །ཤིས་པའི་ཉི་མ་ལ་བཀལ་ནས། །བཅིངས་པའི་གྲངས་ཀྱིས་མདུང་བྱས་ཏེ་།སྟོང་ཕྲག་གཅིག་གི་སྔགས་བཟླས་ནས། །ལུས་ སམ་མགུལ་ལམ་སྤྱི་བོར་གདགས། །དེས་ནི་ཚེ་ལོ་སྟོང་ཕྲག་ཐུབ་།ཡང་ན་རང་ལུས་རྣམ་བསྒྲིམས་ནས། །ཆུ་ཡི་ཚོགས་ཀྱིས་དག་བྱས་ཏེ། །ཉི་ཤུ་རྩ་གཅིག་གྲངས་ལྡན་པར།། གཟུངས་ཀྱི་ཕྲེང་བ་བརྗོད་བྱས་ན། །གསེར་ཕྱག་ལག་ཏུ་མ་བླངས་ཤིང། །བདེན་བྲལ་ཕྱི་རོལ་མ་སོང་བར། །གཞན་གྱི་འཇིགས་པ་མ་བསལ་ཞིང། །ཚེ་ལོ་བརྒྱ་ནི་རྩ་བརྒྱད་ པར༑ ༑རིམས་ནད་ཙམ་ཡང་མི་གནོད་དོ། །གོས་དང་ཟས་དང་སྣོད་སྤྱད་དང། །སྨན་ལ་སོགས་པའི་རྫས་རྣམས་ནི། །མི་འཁྲུགས་རྒྱལ་པོའི་ཕྱག་རྒྱ་ཡིས། །བསྲུངས་ན་ཅིས་ཀྱང་མི་ ཤོད་དེ༑ ༑སེངྒེ་རྔམ་པའི་སྟབས་ཀྱིས་ནི། །འུག་པའི་སྒྲ་གསུམ་བརྗོད་བྱས་ན། །ཕྱི་རོལ་རིག་སྔགས་སྟོང་ཕྲག་ནི། །དུ་མས་ཅིས་ཀྱང་མི་ཚུགས་སོ། །ཀླུ་ཡི་དབང་པོ་གནས་ལུགས་ ཀྱིས༑ ༑རྩེ་གཅིག་རྡོ་རྗེའི་ཕྱག་རྒྱ་བཅས། །དེ་ནས་གསང་སྔགས་གསུམ་བརྗོད་ན། །ནད་དང་གདོན་ལ་སོགས་པ་སེལ། །རི་བོང་ནུ་མའི་མཚམས་བྱས་ནས། །ཧཱུཾ་གིས་མནན་པའི་ སྔགས་ཀྱིས་ནི། །དམིགས་མེད་ཏིང་འཛིན་ཡིད་བརྟན་ཞིང། །འདིས་ཀྱང་གནོད་པ་ལས་སྲུང་འགྱུར། །ཕྱི་རོལ་སོགས་པ་ཀུན་སྤངས་ནས་།སྣང་བ་ཡིད་ཀྱིས་བསླབ་བྱས་ཏེ། །མི་སྣང་ [169A]༄༅། །བ་ལ་མངོན་དམིགས་ནས། །སྲུང་བ་རྣམས་ཀྱི་དམ་པ་བཤད། །དེ་ནས་གཞན་ཡང་སྦྱོར་བ་བཤད། །དུར་ཁྲོད་ལ་སོགས་འཇིགས་གནས་སམ། །མཚོ་ དང་མཚེའུ་དང་དགོན་གནས་དང། །གནས་དང་སྐྱེད་མོས་ཚལ་ཆེན་དང། །མེ་ཏོག་ཚལ་ལམ་ཡུལ་འཁོར་ལྗོངས། །ཆུ་ཡི་འགྲམ་མམ་ཤིང་གཅིག་གམ། །ཡང་ན་རང་གི་ཁྱིམ་ ཉིད་དུ༑ ༑མཎྜལ་ལེགས་པར་བྱུགས་པ་ལ། །བརྟེན་ནས་ལྷ་ཡི་སྦྱོར་བ་བསྒྲུབ། །རས་རིས་ལ་སོགས་མདུན་བྱས་ཏེ། །བདེ་བའི་བསྟན་ལ་སྐྱིལ་ཀྲུང་གིས། །བསྡད་ནས་ མཉམ་གཞག་བརྩམ་པར་བྱ། །ཐ་མལ་སྦྱངས་པའི་ལུས་ཀྱིས་ནི་།ཐར་པ་ཆེན་པོ་ཐོབ་འགྱུར་ཏེ། །གཞན་དུ་དེ་ལྟར་མ་ཡིན་ནོ། །ས་གཞི་ཤིན་ཏུ་ཉམས་དགའ་ཞིང། ། ལེགས་པར་བཀོད་པའི་རི་བོ་ལ། །ནགས་ཚལ་ཤིན་ཏུ་སྡུག་པ་ལ། །བསིལ་བའི་ཆུ་རྒྱུན་འབབ་པའི་ཕྱོགས། །རྣམ་བཀོད་མེ་ཏོག་ཚལ་གསེབ་ཏུ་།ཤར་དུ་སྒོ་བསྟན་ཁང་ པ་ལ༑ ༑སྔགས་བཞིས་མཚམས་བཅིང་ཆོ་ག་ཡིས། །གསལ་ཁུང་དང་བཅས་བརྩིགས་པའི་ཕྱོགས། །སྙན་པའི་བྱ་ཡིས་སྒྲ་སྒྲོག་ཅིང་།དྲི་ཞིམ་སྤོས་ངད་ལྡན་པ་ལ།། དྲིལ་བུ་སིལ་སིལ་སྒྲ་སྙན་སྒྲོག་ལྡ་ལྡི་གོས་ཀྱི་ཕྲེང་བས་དཀྲིས། །ལྟག་པའི་འདུ་འཛི་རྣམས་སྤངས་ནས། །སྤྱོད་པ་མཐུན་པའི་གྲོགས་དང་ནི། །བདེ་བར་བྱང་ཆུབ་བསྒྲུབ་ [169B] ༑འོན་ཀྱང་གནས་དང་གྲོགས་ལ་སོགས། །རྣལ་འབྱོར་ཡིད་འཇུག་ཕྱིར་བརྩམ་སྟེ། །མཐའ་དག་སྤངས་པའི་ཕ་རོལ་ན་།ལྷག་པའི་བྱང་ཆུབ་མ་མཆིས་སོ། །བདེ་དང་སྡུག་ བསྔལ་སྣ་ཚོགས་རྣམས། །རང་གི་སེམས་ལས་འབྱུང་མོད་ཀྱི། །སེམས་རྟོག་མ་ལུས་སྤངས་པ་ལས། །ངས་ནི་ཆོས་གཞན་འགའ་མ་བཤད། །དེ་བས་སེམས་རྟོག་སྣ་ཚོགས་ རྣམས༑ ༑སྤང་བར་བྱ་ཕྱིར་སྣ་ཚོགས་ཐབས། །སྔགས་དང་ཕྱག་རྒྱ་ཏིང་འཛིན་དང། །སྦྱོར་བ་རྒྱ་ཆེན་རྣམས་བཤད་དོ། །དྲག་པོ་སྒྲུབ་པའི་ཐབས་འགའ་ནི། །རིག་པའི་ཁྲོ་མོས་ མཉན་པར་གྱིས། །ས་གཞི་བདུད་རྩི་ལྔ་ཡིས་བྱུག་མེ་ཡི་དཀྱིལ་འཁོར་ས་བོན་བཅས། །དུར་ཁྲོད་ཕ་གུས་བྲི་པར་བྱ། །དེར་ནི་ཕོ་མོ་ཐོད་པ་ལ། །ཕྱི་རོལ་དམར་ནག་ཚོན་གྱིས་ བྱུག་ནང་དུ་སྣ་ཚོགས་རྡོ་རྗེ་ནི། །མུ་ཁྱུད་གསུམ་ལྡན་བྲི་བར་བྱ། །དབུས་སུ་རྡོ་རྗེ་མཁའ་འགྲོ་མའི། །སྙིང་པོ་སྔགས་བཅས་བྲི་བར་བྱ། །རྡོ་རྗེ་རྭ་ནི་ཐམས་ཅད་ལ། །ཧཱུཾ་བྲི་མུ་ཁྱུད་ གཉིས་ཕྲེང་སྔགས། །གསུམ་པར་ཁྲོ་བོའི་སྔགས་བྲིའོ། །ཐོད་པ་ཁ་སྦྱོར་ནང་དུ་ནི། །སྐེ་ཚེ་ཡུངས་ཀར་བཙན་དུག་དང། །ལན་ཚྭ་ཁག་དང་ཤ་ཆེན་དང། །རྐང་རྗེས་ས་ལ་སོགས་པ་ བླུགས༑ ༑གཅེར་བུ་རྣལ་འབྱོར་སྐྲ་བཤིག་ནས། །ལྷ་ཡི་སྦྱོར་ལྡན་ལྷོར་བལྟས་ནས། །ཞབས་ཀྱིས་ཐོད་པའི་འཁོར་ལོ་ནི། །མནན་ཏེ་སྔགས་ཕྲེང་བརྗོད་པར་བྱ། །ཁྲོ་བོ་ཆེན་པོའི་ [170A]༄༅། །སྦྱོར་བ་ཡིས། །མཉམ་བཞག་ནས་ནི་སྟོང་ཕྲག་ཏུ་།བཟླས་པ་མཚན་ཕྱེད་བར་བྱས་ན། །གསད་པ་ཉིད་ལ་ཐེ་ཚོམ་མེད་།དུར་ཁྲོད་རས་ལ་འཁོར་ལོ་ ནི༑ ༑དབུས་སུ་མེ་ཡི་དཀྱིལ་འཁོར་ཅན། །རྩིབས་བརྒྱད་མུ་ཁྱུད་གསུམ་ལྡན་པ། །དབུས་སུ་སྙིང་པོ་སྔགས་རྣམས་ལ། །ཧཱུཾ་གཉིས་བར་དུ་བསྒྲུབ་བྱའི་མིང། །གསད་པ་ཉིད་ དང་ལྡན་པར་བྱ། །མུ་ཁྱུད་གཉིས་པ་ཕྲེང་སྔགས་ཀྱང། །མིང་དང་གསད་པར་ལྡན་པའོ། །གསུམ་པ་ཁྲོ་བོའི་སྔགས་བྲིས་ཏེ་།འཁོར་ལོ་མཆོད་ཅིང་བྱིན་བརླབས་ནས། ། དགྲ་གཟུགས་སོར་བརྒྱད་སྙིང་གར་གཞུག་དེ་ཉིད་ཏིལ་མར་གྱིས་བྱུགས་ཏེ། །ཐོད་པ་གཉིས་ཀྱི་འཁོར་ལོ་ཡི། །བར་དུ་བཅུག་ནས་མེ་སྟེང་གཞག་སེང་ལྡེང་ཕུར་པ་སོར་ བརྒྱད་པ། །མཉམ་གཞག་སྦྱོར་བས་སྔགས་དེ་གདབ། །གསད་པའི་སྦྱོར་བ་འདི་ཉིད་ཀྱིས། །ཤི་བར་འགྱུར་ལ་གཞན་དུ་མིན། །ཡང་ན་བྱང་ཆུབ་ཡན་ལག་ལས། །དུར་ ཁྲོད་ཁྲག་གིས་འཁོར་ལོ་བྲི། །གྲུ་གསུམ་བརྩེགས་པའི་གཟུགས་བྲིས་ཏེ། །དབུས་སུ་དགྲ་མིང་གསང་སྔགས་བཅས། །རྩིབས་ལ་བཅུ་གཉིས་པར་དུ་ནི། །མིང་དང་ གསད་པ་བཅས་པ་བྲི། །མུ་ཁྱུད་དང་པོའི་སྔགས་ཕྲེང་ཡང་།རྒྱས་པའི་ཡན་ལག་ལྡན་པར་བྲི། །སྤྲ་ཚིལ་གཟུགས་བརྙན་སོར་བརྒྱད་པའི། །སྙིང་གར་བཅུག་ནས་སྐྲ་ [170B] །རྣལ་འབྱོར་པ་ཡི་ཉལ་བའི་ཞབས། །མགོ་བོ་ལྷོར་བསྟན་གཞག་པར་བྱ། །ཆུ་ཤེལ་མ་མཐོང་བར་དུ་ནི། །ཉི་ཤུ་རྩ་གཅིག་སྔགས་བརྗོད་ནས། །མི་ཡི་རྡོ་རྗེའི་ དར་གྱིས་བརྒྱན། །སྡང་བྱེད་ས་སྟེང་འདིར་མི་གནས། །ཀླུ་ཡི་གནས་སུ་གྲགས་པའམ། །ཆུ་ཡི་རྫིང་ལ་སོགས་འགྲམ་དུ། །དཀྱིལ་འཁོར་བ་ཡི་རྣམ་ལྔས་བྱུག་པདྨ་དམར་པོའི་ རི་མོ་ལ༑ ༑ལྟེ་བ་རྡོ་རྗེ་མཁའ་འགྲོ་མ། །གསེར་གྱི་མདོག་ཅན་ཐལ་མོ་སྦྱར། །ཀླུ་ཡི་གདེངས་ཀ་བདུན་ལྡན་པ། །ཟླ་བའི་དཀྱིལ་འཁོར་སྟེང་གནས་པ། །ཤིན་ཏུ་བལྟས་པས་ གནས་པར་བྱ། །དགའ་བོ་ཉེར་དགའ་འཇོག་པོ་དང། །མཐའ་ཡས་དུང་སྐྱོང་རིགས་ལྡན་གཟུགས། །པདྨ་པད་ཆེན་རྣམས་བྱས་ཏེ། །དཀར་ངང་སེར་དང་ལྗང་བ་དང། །དམར་ དང་ལྗང་སྐྱ་སྔོ་སྐྱ་དང། །དམར་སེར་ལྗང་སེར་འཛུམ་པའི་གཟུགས། །གཙོ་ལ་ཐལ་མོ་སྦྱར་བཏུད་ནས། །རྒྱུ་སྐར་ཕྲེང་བ་དང་ལྡན་གཟུགས། །འོ་མ་འབྲས་ཅན་མཁལ་ཞོ་ཤ་ བུས་ཀ་ཙི་ཏ་ལ་སོགས་སྨན། །ཁུར་བ་ཚོགས་བུ་དང་བཅས་པ། །རིན་ཆེན་སྣོད་དུ་དགྲམ་པར་བྱ། །གཟའ་དང་རྒྱུ་སྐར་རྣམས་དགའ་ཞིང། །ཀླུ་རྣམས་བདེ་བའི་སེམས་ཐོབ་ ཤོག་ལྷ་རྣམས་ཡིད་ནི་མཉམ་བཞག་ནས། །སྙིང་རྗེའི་བློ་ཆེན་སྐྱེ་བར་ཤོག་ལྷ་ཀླུ་གནོད་སྦྱིན་དྲི་ཟ་སོགས། །བྱང་ཆུབ་སེམས་ཆེན་དང་ལྡན་ནས། །ཐུགས་རྗེས་ཉེ་བར་ [171A]༄༅། །དགོངས་ནས་ཀྱང། །དུས་སུ་ཆར་ཆེན་འབེབས་པར་ཤོག་།སྨོན་ལམ་དེ་ཡི་རྗེས་སུ་ནི། །གཟུངས་ཀྱི་ཕྲེང་བ་བརྒྱ་རྩ་བརྒྱད། །བརྗོད་པའི་དེ་མ་ཐག་ཏུ་ ནི༑ ༑ཆར་གྱི་རྒྱུན་ཡང་འབབ་པར་འགྱུར། །གལ་ཏེ་ཅུང་ཟད་མི་འབེབས་ན། །མེ་ལ་བསྡིགས་པ་ཙམ་གྱིས་ནི། །གློག་གི་ཕྲེང་བ་གཏོར་བྱེད་ན། །ཆར་ཆེན་འབེབས་ལ་ཐེ་ཚོམ་ མེད༑ ༑ཝ་ཡི་ཁྲག་གིས་གྲོ་ག་ལ། །གང་གི་འཁོར་ལོ་བསྐྲད་པ་ཡི་།ཐབས་དང་ལྡན་པར་བྲི་བྱས་ནས། །དུར་ཁྲོད་ས་ལས་བྱས་པ་ཡི་།རྔ་མོའི་སྙིང་གར་བཅུག་ནས་ཀྱང། ། རྐང་པ་གཡོན་པས་མནན་ནས་ནི། །ལྷོར་བལྟས་བཀའ་ཡི་སྦྱོར་བ་ཡིས་།གསང་སྔགས་ཁྲི་ཕྲག་གཅིག་བརྗོད་ན། །བསྐྲད་པ་ཉིད་ལ་ཐེ་ཚོམ་མེད། །སྦྲུལ་དང་སྲེ་མོའི་ཁྲག་ གིས་ནི༑ ༑རྟ་དང་མ་ཧེའི་པགས་པ་ལ། །མཉམ་དུ་གཉིས་ཀྱི་གཟུགས་བྲིས་ཏེ། །དབྱེ་བའི་སྔགས་དང་བཅས་པ་ཡི། །འཁོར་ལོ་ཐོད་པའི་གཟུགས་བྲིས་ལ། །པགས་པ་ གཉིས་ཀྱིས་དཀྲིས་བྱས་པ། །ཟླ་གམ་བྱེ་བྲག་དཀྱིལ་འཁོར་ལ་།བརྟེན་པས་དབྱེ་བའི་སྦྱོར་བ་རྫོགས། །མཚལ་དང་ཙནྡན་ག་བུར་བསྲེས། །ཟླ་གམ་དབྱིབས་ཀྱི་དཀྱིལ་ འཁོར་ལ། །སྙིང་པོ་དབང་གི་སྦྱོར་བར་བཅས། །ནུབ་ཏུ་བལྟས་ནས་བསྒྲུབས་པ་ཡི། །ལྷ་ཡི་དབང་པོ་དབང་དུ་འགྱུར། །རྒྱུད་ཀྱི་ཁྱད་པར་སྦྱོར་བ་འོ། །དྲི་ཡི་རྒྱལ་པོ་སྣ་ཚོགས་ [171B] ༑ཤིང་གི་ལོ་མ་དཀར་པོ་ལ། །རྡོ་རྗེ་རྒྱ་གྲམ་གཉིས་བརྩེགས་ཀྱིས། །ཕྱོགས་ཀྱི་རྭ་རྣམས་ཧཱུཾ་གིས་སྤྲས། །མཚམས་ཀྱི་རྭ་རྣམས་དབུ་མ་ལ། །ཧཱུཾ་བྲི་རྭ་ཡི་ཡན་ལག་ལ།། ཕཊ་ནི་ཕྱིར་ལ་བལྟས་པ་བྲི། །རྒྱ་ཆེན་གསོལ་བ་གདབ་པར་བྱ་།གོས་བཟང་མ་ནི་སྐགས་ཤིང་དུ། །བཙུག་ནས་རྒྱལ་མཚན་རྩེར་བཏགས་ན། །རླུང་དང་ཐོག་དང་སེར་བ་ གཅོད༑ ༑དམན་པ་རྣམས་དང་འབྲེལ་བ་སྤང། །ཐལ་བ་ཆུ་དང་ཡུངས་ཀར་ལ། །སྔགས་ཀྱི་ཕྲེང་བ་བཟླས་བྱས་ཏེ། །སྤྲིན་ལ་སོགས་པ་འཁྲུགས་པའི་ཚེ། །གཏོར་བ་ཙམ་གྱིས་ འཆད་པར་འགྱུར། །འབྲུ་མར་ཡུངས་ཀར་སེར་པོ་ལ། །བསྔགས་ནས་ལུས་ལ་བྱུགས་ཙམ་གྱིས། །ཕྲན་ཚེགས་ནད་རྣམས་ཐམས་ཅད་ལས། །མ་ཧེ་ཤིན་ཏུ་བརྟན་པར་བྱེད།། འཕགས་མ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་འཁྲུལ་འཁོར་གྱི་ལེའུ་སྟེ་གསུམ་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །སྦྱིན་སྲེག་ཐབས་ཀྱི་སྦྱོར་བ་ཡིས། །དངོས་གྲུབ་ཐམས་ ཅད་མྱུར་བྱེད་དེ། །སྣ་ཚོགས་ལྷ་མོས་མཉན་པར་བྱོས། །སེར་སྣ་སྤངས་ཤིང་གཡོ་སྒྱུ་མེད། །དུལ་ལ་དཔའ་རྟུལ་བཟོང་པ་ཆེ་།མཁས་ཤིང་རིག་ལ་བརྩོན་འགྲུས་བཟང། ། སྔགས་ལ་མཁས་པས་སྦྱིན་སྲེག་བརྩམ། །ཐབ་ནི་ཉི་ཤུ་སོར་ཚད་ལ། །ཕྱེད་བརྐོས་ཁ་ཕྱིར་རྡོ་རྗེ་ནི། །རྩེ་གསུམ་དུར་ཁྲོད་ཚོན་གྱིས་བྲི། །ཕྱི་རོལ་ཕྱག་རྒྱ་རྣམས་བཀོད་ནས། །དྲི་ཞིམ་ [172A]༄༅། །མེ་ཏོག་གཅལ་དུ་བཀྲམ། །དེར་ནི་མཆོད་ཅིང་སྲེག་པའི་རྫས། །ཚོགས་ནས་རྫས་རྣམས་བསང་གཏོར་བྱ། །བོང་བུ་རྔ་མོའི་རིལ་མ་དང། །གསལ་ཞིང་ཆེར་ བཅས་ཤིང་ལ་མེ། །ས་བོན་ལས་སྐྱེས་སྦར་བར་བྱ། །དེར་ནི་རྡོ་རྗེ་ལུ་གུ་རྒྱུད། །སྐྱེད་པའི་ཆོ་ག་རྫོགས་བྱས་ནས། །མཆོད་ཅིང་བསྟོད་ནས་དེ་རྗེས་སུ། །སྐེ་ཚེ་ཡུངས་ཀར་བཅན་ དུག་དང། །རུས་ཕྱེ་ཤ་ཆེན་ཏིལ་ནག་པོ། །དང་བཅས་སྦྱིན་སྲེག་སྟོང་ཕྲག་གཅིག་ཕྲེང་བའི་སྔགས་ཀྱིས་སྦྱར་བར་བྱ། །ཐོག་མ་ཐ་མར་མར་ཆེན་དང། །ཏིལ་མར་བརྒྱ་ཕྲག་ རེ་རེ་སྦྱིན། །སྦྱོར་བཅས་སྦྱིན་སྲེག་རྫོགས་པ་དང། །ཞག་བདུན་གྱིས་ནི་བསྒྲུབ་བྱ་སྟེ། །ཤི་བར་འགྱུར་ལ་ཐེ་ཚོམ་མེད། །གླང་ཤ་སྦྲུལ་ཤ་པྲི་ཡང་ཀུ། །སྦྱིན་སྲེག་སྟོང་གིས་ བསྒྲུབ་བྱ་ཞིང། །བ་བླ་ལྡོང་རོས་རུ་རྟ་དང། །ལིངྒ་གླང་པོ་བསེ་ཤར་བཅས། །སེར་པོར་བྱས་ལ་སྟོང་ཕྲག་ནི། །གཅིག་གིས་འཕྲལ་དུ་རེངས་པར་བྱེད། །སྦྲུལ་རྟ་ནེའུ་ལེ་མ་ ཧེའི་ཤ་བྱ་རོག་འུག་ཤ་སྟོང་ཕྲག་གཅིག། བསྲེགས་པས་བསྒྲུབ་བྱ་འབྱེ་བར་ངེས། །བྲ་བོ་འབྲས་བུ་ར་ཤ་ཁྲག་སྟོང་ཁྲག་གཅིག་གིས་ལྐུག་པར་འགྱུར། །རྔ་མོ་བྱ་ རོག་རྒན་པོའི་ཤ་སཱ་ལུ་དམར་ཏིལ་དཀར་པོ་དང། །ཡུངས་ཀར་སེར་པོ་ལ་སོགས་པ། །སྟོང་དུ་བསྲེགས་པས་སྐྲོད་པར་བྱེད། །འབྲུ་ལྔ་སྨད་འཚོང་རང་བྱུང་གིས། །ནམ་ [172B]མེ་ཏོག་པདྨ་དང་བཅས་པའི་།ཁ་དོག་དམར་དང་ལྡན་པ་ཡིས། །འོད་ཟེར་དམར་ལྡན་སྟོང་ཕྲག་གིས། །ངེས་པར་འགུགས་དང་དབང་དུ་འགྱུར། །ཏིལ་ བཅས་མར་གྱི་སྦྱིན་སྲེག་ནི། །སྟོང་ཕྲག་བྱས་ན་སྡིག་པ་འབྱང་།མར་དང་དུར་བ་ཙནྡན་བཅས། །སྦྱིན་སྲེག་སྟོང་གིས་ཚེ་འཕེལ་འགྱུར། །ཀུ་ཤ་བྱང་ཆུབ་ཤིང་འབྲས་བུ། །ཡུངས་ ཀར་དཀར་པོ་ལན་ཚྭ་ཡི། །སྟོང་བསྲེགས་འགོ་བའི་ནད་རྣམས་འཆད་།ཡུངས་ཀར་ཤ་ཆེན་ཕྱེ་མ་དང། །དུར་ཁྲོད་ཐལ་པ་དུག་སྣ་ཚོགས། །ཁྲོ་ཆུ་ཕྱེ་མའི་སྦྱིན་སྲེག་སྟོང། །ཁྲོས་ པས་བྱས་ན་ལྷ་ཚོགས་འཇིག་ཨུཏྤལ་དམར་དང་ཡང་ན་དཀར། །གུར་གུམ་བཟང་པོའི་སྦྱིན་སྲེག་ནི། །སྟོང་རྩ་བརྒྱད་ཙམ་བསྲེགས་བྱས་པས། །རིགས་ལྡན་བུ་མོ་དབང་དུ་འགྱུར།། ཨ་རུ་ར་དང་ཡུངས་ཀར་དང། །བ་ཡི་འོ་མ་སྟོང་བསྲེགས་ན། །རྣམ་ཐོས་རྒྱལ་པོའི་གཏེར་ཙམ་གྱི། །ལོངས་སྤྱོད་ཆེན་པོ་འཐོབ་བྱེད་ཅིང། །ཨོཾ་རཀྵ་རཀྵཾ་ཀུ་རུ་ཧཾ། སྲུང་བའི་སྔགས་སོ།། ཨོཾ་ཤཱནྟིཾ་ཀུ་རུ་ཨོཾ། །ཐམས་ཅད་དུ་ཞི་བའི་སྔགས་སོ། །ཧ་ཝ་ཤཾ་ཀུ་རུ་ཧཱ། མཐའ་དག་དབང་དུ་བྱ་བའོ། །སྭ་པུཥྚིཾ་ཀུ་རུ་སཱཧཱ། ཐམས་ཅད་དུ་རྒྱས་པར་བྱེད་པའི་སྔགས་སོ། །ཕཊ་ ཧཱུཾ་མཱ་ར་ཡ་མཱ་ར་ཡ་ཧཱུཾ་ཕཊ། གསོད་པའི་སྔགས་སོ། །བཾ་བི་དི་ཤ་ཡ་བཾ། དབྱེ་བར་བྱེད་པའི་སྔགས་སོ། །ཨོཾ་ཨུཙྩཱ་ཊ་ཡ་ཨུཾ། བསྐྲད་པར་བྱེད་པའི་སྔགས་སོ། །ལཾ་སྟཾ་བྷ་ཡ་སྟཾ་བྷ་ [173A]༄༅། །ཡ་ལཾ། རེངས་པར་བྱེད་པའི་སྔགས་སོ། །རཾ་ཛྭ་ར་ཛྭ་ར་རཾ། རིམས་སྐྱེད་པའི་སྔགས་སོ། །ཛ་ཨཱ་ཀརྵ་ཡ་ཧྲཱིཛ། དགུག་པའི་སྔགས་སོ། །ཨོཾ་བ་རི་ཤ་ བ་ཏ་ཡ་པ་ཏ་ཡ་ཨོཾ། །ཆར་པ་དབབ་པའི་སྔགས་སོ། །ལཾ་ཤཾ་ལི་བཧི་སྟི་བྷ་ཡ་ལཾ། སེར་བ་གཅོད་པའི་སྔགས་སོ། །ཛེཾ་ཛེ་ཏེ་ཡ་ཛེ་ཏེ་ཡ་ཛེཾ། ཞི་བར་བྱེད་པའི་སྔགས་སོ། །ཧཱུཾ་ཡ་ར་ ཡཉྩ༑ མཾ་ཏྲ། ཏཾ་ཏྲ། ཙྪིནྡཾ་ཙྪི་ནྡཾ། བིནྡྷ་བིནྡྷ་བནྡྷ་བནྡྷ། ཞེས་པ་ནི། ཐམས་ཅད་དུ་རིག་སྔགས་གཅོད་པར་བྱེད་པའི་སྔགས་སོ། །རིག་པའི་རྒྱལ་པོ་བླ་མེད་ནི། །གསང་ཆེན་ འདི་ལས་འབྱུང་བར་འགྱུར། །གསང་ཆེན་རྒྱུད་འདི་ངོ་མཚར་ཏེ་།རྨད་བྱུང་བས་ཆེས་རྨད་དུ་བྱུང། །བསྟན་པའི་སྙིང་པོ་གསང་ཆེན་འདི། །གསུངས་པའི་དེ་མ་ཐག་ཏུ་ནི། ། ཕྱོགས་བཅུའི་རིག་སྔགས་འཆང་བ་རྣམས། །ངོ་མཚར་བསྐྱེད་ནས་ཐལ་མོ་སྦྱར། །བདེ་བའི་སྙིང་པོ་ཤིན་ཏུ་ལེགས། །ལེགས་སོ་ལེགས་སོ་རྡོ་རྗེ་འཛིན། །གང་ལ་བདེ་སྐྱེང་ དཔལ་ཐོབ་བྱེད། །བདག་ཅག་རྣམས་ལ་ཐུགས་རྗེ་ཡིས། །རྒྱུད་ཀྱི་སྙིང་པོ་འདི་བཤད་པ། །རྗེ་ཆེན་ལེགས་སོ་ངོ་མཚར་ཆེ། །འཕགས་མ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་རྟོག་པ་ལས། སྦྱིན་ སྲེག་གི་ལེའུ་སྟེ་བཞི་པའོ། །འཕགས་མ་རྡོ་རྗེ་ལུ་གུ་རྒྱུད་རྟོག་པ་ཨོ་ཌྱན་ནས་བྱུང་བ་རྫོགས་སོ།། །།པཎྜི་ཏ་ཨ་ཏུ་ལ་ད་ས་བཛྲ་ལ་ཞུས་ནས་བོད་ཀྱི་ལོ་ཙྪ་བ་མར་པ་ [173B]། །།